སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ཤན་འདན་སྟག་སེང་གི་འཁྲབ་གཞུང་། ༼ ༤ ༽

འཁྲབ་ཚན་གསུམ་པ།

མགོ་ལོག་འཇམ་དབྱངས་བློ་གྲོས།

ཧོར་ཤན་པས་ཕ་བོང་ལྕགས་ཐག་གཏོར།།

དཔོན་ཁྲོ་ཐུང་རྡུང་པས་འདན་མ་འཁྲུགས།།

གླིང་རྒྱལ་བློན་ནང་འགལ་བྱུང་པའི་དུས།།

བློན་འདན་མ་རང་ཡུལ་ལོག་པར་བརྩམས།།

དེ་ནས་སྒྲ་སྐད་བཙན་པོ་ཞིག་གི་ཁྲོད་ནས་ཡོལ་བ་འབྱེད་སྐབས་ཧོར་ཤན་པ་དེ་ཕ་བོང་ཆེན་པོ་ཞིག་གི་ངོར་ལྕགས་ཐག་སྣེ་ལ་བཏགས་འདུག འཇིགས་སུ་རུང་བའི་ཤན་རྒོད་དེས་ལུག་ཤ་རྐང་

ཡས་ཞིག་རྔམ་ཟོས་བྱས་འདུག གློག་དམར་ནག་ཞིག་བཀར་དགོས།

དེ་ནས་ཐང་རྩེ་མགྱོགས་མྱུར་གྱི་འོང་དེ་ཤན་པ་ལ་བཤད་པ། སྐབས་དེར་ཁྲིམས་གཡོག་ཚོས་ཤན་ལ་ཤ་ཆང་འདྲེན།

ཆང་གླུཆང་བདུད་རྩི་རྒྱལ་པོའི་བཞེས་ཆང༌།།

ཆང་ཨ་རག་བློན་པོའི་བཞེས་ཆང༌།།

ཆང་རྒོད་པོ་བཙོན་པའི་འཐུང་ཆང༌།།

ཤན་པ་རྒོད་པོའི་ཆང་འདི་འཐུང་དང་རྒོད་པོ་རེད¿

དེ་རྗེས་ཐང་རྩེ་འོད་གོར་ཞིག་ལ་འགྲོག་ནས་མངོན།

ཐང་རྩེ།

‘‘གེ་སར་རྒྱལ་པོའི་བཀའ་གནང་ཐོབ་སོང༌། ད་ཁྱོད་ཤན་པ་ལ་སྟོབས་ཤུགས་ཡོད་ན་ངོམ་ཆོག

ཤན་ཐང༌། ཧ་ཧ་ཧ་ཧ་ཧ།

ཤན་པ། གེ་སར་རྒྱལ་པོའི་ང་ཧོར་ཤན་པ་ལ་ཐུགས་རྗེའི་བསྐྱངས་བར་བཀའ་དྲིན་ཆེ། ད་དཔོན་ངན་ཁྲོ་ཐུང་ངེད་གཉིས་དལ་མོར་བྱས་

རྩེད་ཆོག

ཐང་རྩེ། ‘‘འོ་ན་དེ་ལྟར་བྱའོ

ཐང་རྩེ་མར་བབས་རྗེས་ཁྲོ་ཐུང་ཧ་ཅང་རྫིག་ཉམས་ཀྱིས་མངོན།

ཁྲོ་ཐུང༌། ‘‘ཧ་ཧ་ཧ་ཧ——ཡ་ཤན་པ་ཁྱི་རྒན། སྐེ་ལྕགས་ཐག་ཤལ་ལེ་སྐྱིད་པོ་

ཞིག་ཨེ་རེད།

གླུགླུ་ཨ་ལ་ལ་མོ་ཨ་ལ་ལེན།།

གླུ་ཐ་ལ་ལ་མོ་ཐ་ལ་ལེན།།

ཞིང་ལྷ་རྟ་མགྲིན་དམར་པོ་མཁྱེན།།

ང་དང་ང་ངོ་མ་ཤེས་ན།།

ཨ་ཁུ་ཁྲོ་ཐུང་སྟག་རྒྱལ་ཡིན།།

དེ་ནས་ཤན་པ་དམར་རྒྱ་ཉོན།།

ཧོར་གུར་དཀར་ཤན་པ་དཔུང་སྡེབ་ཅིང༌།

གླིང་རྒྱལ་པོའི་དཔུང་ཡ་མི་ཡོང་ངོ༌།།

ཁྱོད་མཐོ་འདོད་ཧོར་གྱི་བློན་ཆེན་འདི།།

ཁྱི་གདའ་ལུའི་ལྕགས་ཐག་གོན་སྣང་མེད།།

གཟུགས་བཞི་ཐག་པའི་སྡོམ་སྣང་མེད།།

རྗེ་ཨ་གནམ་དབུ་འཕང་མཐོ་བ་དེས།།

ཧོར་ཤན་རྒན་སྐྱིད་སྡུག་ཨེ་རིག་གི། ཁྱོད་ཤན་པའི་ཡིད་ལ་དེ་འདྲ་ཞོག།

གླུ་བླངས་རྗེས་སླར་ཡང༌།

‘‘ང་ཨ་ཁུ་ཁྲོ་ཐུང་སྟག་རྒྱལ་ལ་འགྲན་ཡ་བཟུང་ན་ཅི་འདྲ་རེད།

རྒོད་པོ་ཡིན་ན་ཤོག་ཡ། —— ཤོག་ཅི་རེད་ཞ་སོང་བ་མ་

ཡིན་ནམ། —— ཧ་ཧ་ཧ་ཧ།

ཞེས་ཕར་འགྱིང་ཚུར་འགྱིང་བྱེད། ཤན་པའི་སྔོན་གྱི་ཤ་ཆང་སོགས་རྐང་པའི་སྒྲིལ་

ཁུ་ཚུར་བསྣུན། སྐབས་དེར་ཤན་པས་ཧ་ཅང་དཔའ་ཉམས་ཀྱིས

ཤན་པ། ‘‘——ཁྲོ་ཐུང༌། རྒོད་པོ་ཡིན་ན་འགྲམ་ལ་གཅོར། ཁྱོད་ཕྱི་

ནུར་གོམ་གང་བྱས་ན་ཁྱི་རྒན་ཡིན། ལྟོས་ཡ། ——

ཞེས་ཤུགས་ཀྱིས་འཕགས་པས་ལྕགས་ཐག་སིང་སྒྲ་སི་ལེ་ཆད། ཕ་བོང་ཁྲོབ་སྒྲ་དང་

བཅས་འཐོར་བས་བྲག་གསེབ་ནས་དུ་བ་ཞིག་འཕྱུར་ན་ལེགས། ཁྲོ་ཐུང་ཕྱི་རྒྱབ་བྲོས་

ཀྱང་ལམ་མ་སོང་ཕྱི་རྒན་འགྱེལ། ཤན་པ་རྒྱུགས་ནས་ཁྲོ་ཐུང་ཡར་དྲུད་མར་དྲུད་དང་

ཁུ་ཚུར་གཞུས། རྡོག་ཐོ་བརྒྱབ།

ཁྲོ་ཐུང༌། ‘‘ཨ་ར ——། ཨ ——ང་བསད་ཐལ། གླིང་དཔའ་ཐུལ་ཐོན་ཆུགས། གེ་སར། ཨ་ཁུའི་སྲོག་སྐྱོབ་ཏུ་ཤོག་ཡ། སྲོག་སྐྱོབས་ཡ།

ཞེས་ངུ་འབོད་བྱེད། སྐབས་འདིར་ཤན་པའི་ཁྲོ་ཐུང་རྡུང་དུས་བྲོ་རྩལ་དང་སྦྱར་ན་ལེགས། སྐབས་དེར་རྒྱབ་ཕྱོགས་ནས་འདན་མ་བུད་དེ་ཤོར། སེང་སྟག ཉི་འབུམ། དར་འཕེན།

དགའ་བདེ་སྤྱི་དཔོན་རྣམས་ཐོན།

སྤྱི་དཔོན་སོགས།སྡོད

དེ་དུས་ཤན་པའི་ཁྲོ་ཐུང་བཏང༌།

འདན་མ།

‘‘ཡ་གླིང་པ་ཚོ།

བོད་མི་སྡེའི་ལྟད་མོ་རྒྱང་ནས་བལྟས།

གླིང་ཨ་ཁུས་འོ་དོད་ལུང་པ་གང༌།

དགྲ་ཤན་པའི་དཔུང་བ་ཁྲག་གིས་བཀང༌།

དཔོན་གེ་སར་གྱིས་དེ་རིང་ཕྱི་ནང་ནོར།

ང་འདན་མ་རང་ལ་མི་འདུག་ཁོ་ཐག་ཡིན།

ཞེས་ཤོར་སྐབས། ཤན་པས་ཁྲོ་ཐུང་བཏང༌། ཁྲོ་ཐུང་ཕྱི་ལྟས་མེད་པར་བྲོས།

འདན་མ།

གླུགླུ་ཨ་ལ་ལ་མོ་ཨ་ལ་ལེན།། གླུ་ཐ་ལ་ལ་མོ་ཐ་ལ་ལེན།། ང་དང་ང་ངོ་མ་ཤེས་ན།།

ཤར་ལུང་རི་དྲུག་མཁར་ནང་ནས།། བློན་ཚ་ཞང་འདན་མ་བྱང་ཁྲ་ཡིན།།

ཧོར་དམར་རྒྱ་བ་ཁྱོད་རིག་པའི་དུས།།

དཔོན་དུང་ཟླ་འདྲ་བོ་དྲན་ནས་བྱུང༌།།

ཡང་མིན་ན་ཤན་པ་གསོད་ལེ་བྱེད།།

དཔའ་རྒྱ་ཚའི་ཤ་ལན་ལོན་ལེ་བྱེད།།

ཡང་མིན་ན་འདན་མ་ཤི་ལེ་བྱེད།།

དཔོན་རྒྱ་ཚའི་རྗེས་སུ་འགྲོ་ལེ་བྱེད།།

ལས་དེ་གཉིས་གཅིག་ཏུ་མ་བྱས་ན།།

ང་གསོན་པ་ལས་ཀྱང་ཤི་བས་དགའ།།

གོ་ཨེ་ཐལ་ཤན་པ་ཚེ་ཟད་པོ།།

ཞེས་མཆོངས་དུས་སྤྱི་དཔོན་སོགས་ཀྱིས་བཟུང།

སྤྱི་དཔོན་སོགས། འདན་མའི་སྔོན་བཀག་ནས། ‘‘འདན་མ

འདན་མ།

‘‘གདོང་འབུམ་པའི་ཞལ་ལུ་དཀར་པོ་དེ།། གསོན་འཇིག་རྟེན་འདི་

ན་བཞུགས་པའི་དུས།། དེའི་ཞལ་ངོ་བཅོ་ལྔའི་ཟླ་བ་འདྲ།།

ཟླ་དཀར་ཆུང་ཤར་དུས་རེ་རེ་དྲན།། ངས་དྲན་ཐེངས་རེ་ལ་ངུ་ཐེངས་རེ།། ཧོར་དམར་རྒྱ་རིག་ན་ཡང་ཡང་དྲན།།ཧོར་ཤན་པའི་གླིང་རུའི་ཨ་ཁུར་རྡུང༌།གླིང་ཁྲེལ་མེད་ལྟད་མོ་རྒྱང་ནས་བལྟས།། སེམས་སྡུག་རྒྱུ་ཨེ་གདའ་གླིང་

རུའི་སྡེ།། ཤི་རེ་ཁོ།

སྐབས་འདིར་འདན་མ་སྔོན་ལ་ཤོར་དུས་རྗེས་ནས་བཟུང་ཚུལ། སྐབས་འགར་འདན་མ་

སྒྲ་དབྱངས་དང་བསྟུན་ནས་བར་བའི་གསེབ་དུ་གནམ་ལ་མཆོང་བ་སོགས་ལུས་རྩལ་སྣ་ཚོགས་

སྟོན་དགོས།

ཤན་པས་ཉམ་ཆུང་ངང་ནས་བཤད་པ།

ཤན་པ། ‘‘དེ་མ་བྱེད་འདན་མ་ཕ་ཡི་བུ། སྡེ་ཧོར་གླིང་འཁྲུག་པའི་བྱ་བ་དེ།

བློན་ཤན་པ་ང་ལ་འདེད་རྒྱུ་མེད། ངས་གུར་དཀར་སྟག་ཞུ་རྒྱལ་པོ་ལ།

ཁ་ཏ་མ་བྱས་བསམ་པ་མེད། དེ་ནས་ཉོན་དང་འདན་མ་བློན།

རྟ་རྒྱ་བྱ་རྨ་བྱ་ཆུ་བྱ་གསུམ། རྒོད་མ་གཅིག་གི་རྟ་རྒྱུད་རེད།

གྲི་ཡ་ཟི་ཨ་ཟི་འགུ་ཟི་གསུམ། མགར་བ་གཅིག་གིས་རྡུང་ནི་རེད།

ཁོང་ལྷའུ་རྒྱ་ཚ་འཇང་ཕྲུག་གསུམ། སྨད་རྒྱ་ནག་རྒྱལ་པོའི་སྐུ་ཚ་རེད།

གླུཚུར་གསོན་དང་འདན་མ་བྱང་ཁྲ་ལགས།།

སྡེ་ཧོར་གླིང་འཁྲུག་པ་བྱེད་པའི་དུས།།

སྨད་རྒྱ་ནག་རྒྱལ་པོའི་བཀའ་ལ་བརྩིས།།

སེང་ཆེན་རྒྱལ་པོའི་དམ་ཚིག་བསྲུངས།།

དཔའ་རྒྱ་ཚ་ཉིན་ལ་ཡོད་ཉིན་མོ།།

བློན་ཤན་པ་སྲིབ་དང་སྲིབ་ནས་བྲོས།།

ང་ཡར་དེད་གངས་དཀར་རྩེ་ལ་དེད།།

ང་མར་དེད་ཆུ་བོའི་གཞུང་ལ་དེད།།

ངའི་མདུང་རྟིང་དམའ་མོའི་གད་ལ་ཐུག།

དཔའ་རྒྱ་ཚའི་སྐུ་ལུས་མདུང་མགོར་ལྷུང༌།།

གསོད་སེམས་ཤན་པར་མེད་ན་ཡང༌།།

ལས་བྱ་བ་བཟློག་མེད་དེ་འདྲ་རེད།།

འདན་མ།

‘‘ཧོར་གྱི་ཤན་རྒན་དམར་རྒྱ་ཁྱོད་ཀྱིས་ཁ་ཡག་ངོ་འཛུམ་གྱི་གཏམ་

དེ་འདྲ་བཤད་མི་དགོས། རྒོད་པོ་ཡིན་ན་གདོང་ལ་བུད་ཡ།

ཞེས་སླར་ཡར་ཤོར།

ཤན་པ།

‘‘དེ་མ་གསུང་འདན་མ་ཕ་ཡི་བུ། ང་ཚོའི་ནང་འཁྲུག་བྱས་ན་སེང་ཆེན་

རྒྱལ་པོའི་ཐུགས་ལ་གནོད། གླིང་དཀར་པོའི་བསམ་དོན་མི་འགྲུབ།

འདན་མ་ཁྱེད་ཀྱི་དེ་ལྟར་མི་གསུང་བར་ཞུ།

རྒྱང་རིང་ཞིག་ནས

གེ་སར་རྒྱས་པོ་ཕེབས་བྱུང༌།

ཞེས་སྐད་བརྒྱབ་རྗེས་གེ་སར་མངོན།

ཤན་པ་དམག་མི་གཉིས་ཀྱི་ལྕགས་ཐག་སྣེ་ཕར་ཚུར་ནས་བཟུང་ དེ་དུས་ཚང་མའི་གུས་

གུས་བྱེད་བཞིན་གྲལ་གཉིས་སྒྲིག་བྱེད།

གེ་སར་གྱི་ཁ་བཏགས་ཞིག་བཟུང་ནས་འདན་མ་ལ་བཤད་པ

གེ་སར། ཚ་ཞང་འདན་མ་བྱང་ཁྲ་ལགས

འདན་མ།ཡོད་ལགས

གེ་སར།

ང་སྤྱིར་འགྲོ་བ་ཡོངས་ཀྱི་སྐྱབས་མགོན། སྒོས་ཁྲ་མོ་གླིང་གི་མགོ་དཔོན།

ཁྱེད་ནི་ང་ཡི་དཔུང་རོགས་ཡིན། ཐུགས་ལྷོད་པོ་གྱིས་ལ་

གླུ་འདིར་ཉོན

འདན་མ།ལགས་སོ

ཁ་བཏགས་འདན་མའི་མགུལ་ལ་བསྐོན་ནས་གླུ་འདི་སྔངས།

གླུགླུ་ཨ་ལ་ལ་མོ་ཨ་ལ་ལེན།།

གླུ་ཐ་ལ་ལ་མོ་ཐ་ལ་ལེན།།

སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ།།

བུ་ང་ལ་བྱིན་གྱིས་རླབས་དུ་གསོལ།།

དཔའ་ཚ་ཞང་འདན་མ་བྱང་ཁྲ་ལགས།།

ཧོར་སྡིག་གཅོད་ཤན་པ་རྒྱལ་པོ་འདི།། བསམ་ཤེས་ན་དགྲ་ལྷའི་ཨ་ཁུ་རེད།།

འདིའི་བསམ་པ་གླིང་དཀར་སྟོད་ལ་དཀར།།

དཔའ་རྒྱ་ཚ་སྔོན་མའི་ལས་ཀྱིས་དེད།།

བློན་ཤན་པ་འདི་ལ་ཉེས་པ་མེད།།

ད་སྨུག་པོ་འཇང་འདུལ་འགྲོ་དགོས་པས༌།།

འཇང་གཡུ་ལྷ་བཟུང་དུས་ཤན་པ་མཁོ།།

འདི་གོང་མ་ལྷ་ཡི་ལུང་བསྟན་ཡིན།།

འདན་མ།

‘‘དེ་མ་གསུངས་རྒྱལ་པོ་རིན་པོ་ཆེ། དཔོན་རྒྱ་ཚ་ཞལ་དཀར་བཞུགས་པའི་དུས། ངེད་དཔོན་བློན་བཀའ་གྲོས་མཉམ་དུ་བྱས། ང་འདན་ མའི་ངོ་སོ་དགུང་ལས་མཐོ། ཧོར་ཤན་པ་འདི་དང་འདན་མ་གཉིས།ས་གླིང་དཀར་སྟོད་ལ་འདུག་ཐབས་མེད། ཤར་འཇང་ཡུལ་སྟོད་ལ་འགྲོ་བའི་དུས། ཧོར་ཤན་པའི་ཕན་ཐོགས་སྤུ་ཙམ་མེད། འཇང་གཡུ་ལྷ་

འཛིན་མིར་འདན་མ་འགྲོ དགྲ་ཤན་པ་གླིང་ནས་འདུག་པ་ན། ང་འདན་མའི་མི་ཚེ་འཁྱོལ་ཐབས་མེད། རྗེ་རྒྱལ་པོའི་ཐུགས་ལ་འཛིན་

རོགས་ཞུ།

སྤྱི་དཔོན། ‘‘——དེ་མ་གསུངས་འདན་མ་ཚེ་ཐག་རིང༌། དཔོན་སེང་ཆེན་

རྒྱལ་པོའི་སྐུ་དྲིན་གྱིས། དཔའ་རྒྱ་ཚ་དག་པའི་ཞིང་དུ་སྐྱེས། སྲས་དགྲ་ལྷའི་ཕ་ཤུལ་ཟིན་ནས་ཡོད། སྡུག་མི་དགོས་གླིང་དཀར་བདེ་

ལ་འཁོད། རྨ་བཞིའི་དཔོན་པོ་ཁྲོ་ཐུང་འདིས། གླིང་དཀར་པོ་མི་བདེ་

དཀྲུགས་ཤིང་འཕང༌། ལས་ཅི་བྱེད་ཕྱིན་ཅི་ལོག་པ་རེད། དཔའ་རྒོད་

པོ་ཚ་ཞང་འདན་མ་ལགས། མགོ་རྨོག་དཀར་ནང་ནས་དགོངས་པ་མཐོ།

རྒྱབ་ཁྲབ་དཀར་ནང་ནས་སྐུ་ཚེ་བརྟན། སྐེད་གྲི་ཁྲ་རྒྱུད་ནས་བསམ་

དོན་འགྲུབ། ནང་འགལ་བ་མ་བཟོ་ཕ་ཡི་བུ། རྒན་སྤྱི་དཔོན་ཁ་ཏ་

ཉན་རོགས་མཛོད།¿

འདན་མ་ཧ་ཅང་མ་དགའ་བའི་ཉམས་ཀྱིས་གྲལ་དཀྱིལ་ནས་ཕར་འགྲོ་ཚུར་འགྲོ་བྱེད་

བཞིན་བཤད་རྒྱུར།

འདན་མ། ‘‘ ——ཉོན་དང་སྤྱི་དཔོན་རྒྱལ་པོ། ཁྱོད་ཀྱི་ཁ་མཁས་ཀྱི་བར་བ་

མི་དགོས། ཤན་པ་འདི་གླིང་ལ་བསམ་པ་དཀར་མདོག་མ་བཤད།

ཧོར་གླིང་འཁྲུག་པ་བྱེད་ཉིན། བྱང་གི་མི་དམར་རྟ་དམར་ཅན་དེ་མ་

ཐུབ་ན། གླིང་དཔའ་རྟུལ་ལ་ལྷག་པར་ངན་ཟེར་མཁན་དེ་ཁྱོད་རེད། དེའི་སྟབས་ཀྱིས་དཔའ་རྒྱ་ཚའི་སྐུ་སྲོག་ཧོར་ཤན་རྒན་འདིའི་ལག་

ལ་ཤོར། ད་ཕྱི་ནང་མི་ཐུབ་པའི་སྐད་ཆ་དེ་འདྲ་བཤད་ན་ངོ་ཚ་ཞིག་ མ་ཡིན་ནམ། སྡེ་ཧོར་གླིང་འཁྲུག་པ་བྱེད་ཉིན་ལ། ང་འདན་མའི་དར་

འཕྲུ་ཤན་པས་བཀོག སྟག་རུང་དམག་གི་ཁྱུང་ཐུར་བཅད། སྤྱི་དཔོན་

གཡུ་སྒོང་བྲག་ལ་བརྒྱབ། དགའ་བདེའི་ལས་དམག་ཕྱེད་བགོ་བྱས།

དེ་བྱེད་མི་ཤན་པ་དམར་རྒྱ་རེད། ཁྱོད་སྤྱི་དཔོན་སེམས་ན་ཨེ་ཡོད་དོ།

ཉོན་དང་སྤྱི་དཔོན་རྒྱལ་པོ་ལགས། ཡང་མིན་ན་ཧོར་ཡུལ་ཤན་པ་སོད། ང་འདན་མའི་གླིང་དཀར་ལས་དོན་བསྒྲུབ། ཡང་མིན་ན་འདན་མ་

གཞན་ལ་འགྲོ ཧོར་ཤན་པ་གླིང་གི་བཀའ་བློན་གྱིས། དེ་མིན་ན་

སྡོད་ཐབས་གཏན་ནས་མེད།

ཅེས་ཟེར་བཞིན་སླར་ཡང་ཤན་པས་སྟེང་དུ་ཤོར་སྐབས་དཔའ་རྟུལ་འགའ་རེའི་ཕྱིར་

གྲ་ནང་དུ་བཙུད།

གེ་སར། ‘‘ བློན་ཚ་ཞང་འདན་མ་བྱང་ཁྲས་གསོན།།

ཧོར་ཤན་པའི་ཚིག་ལན་མ་བཏབ་ཀྱང༌།།

བུ་འདན་མས་མི་ལ་རྒོད་རྒོད་བྱེད།།

གཏམ་ཚོད་མེད་བཤད་མི་འདན་མ་རེད།།

བརྙས་བཅོས་བྱེད་མཁན་འདན་མ་རེད།།

དཔའ་རང་ཚོད་བཟུང་ནས་བསྡད་ན་དགའ།།

ང་གླིང་དཀར་དཔོན་པོ་གེ་སར་གྱིས།།

ཧོར་ཤན་པའི་སྲོག་དེ་ཁེབས་ངེས་ཡིན།།

འདན་མས་ཚིག་ལན་རྫོགས་བཞིན་གྲལ་དཀྱིལ་ལ་འོང་དུས་དཔའ་རྟུལ་རེས་བཟུང་ཀྱང་

མ་ཉན་པར་སེང་ཆེན་ལ་བཤད་པ།

འདན་མ། ‘‘ང་དེ་རིང་འདན་མ། ཡིད་ཕ་མས་བཅད་ན་དགའ་རྒྱུ་མེད། མགོ་

གསེར་སྐུས་བཅག་ན་བྱིན་རླབས་མེད། ཁྱོད་སེང་ཆེན་རྒྱལ་པོའི་

ལས་དོན་མ་བསྒྲུབས་བསམ་པ་མེད། འབྲུག་མོ་དང་གླིང་སྨུག་པོའི་

སྐུ་དོན་ལ་ང་འདན་མའི་རང་སྲོག་འབེན་ལ་བཞག མི་ལོ་དྲུག་ལ་

འཁྲུག་པ་བྱས། མགོ་རྨོག་དཀར་ནང་ལ་སྲོ་མོས་བཀང༌། རྒྱབ་ཁྲབ་

དཀར་སྟེང་ལ་ཚིལ་གྱིས་གཡོག དེ་སྔ་ཉི་མ་ཡན་ཆོད་ལ། ངའི་མགོ་ཐོག་རྐང་དེ་མ་བཅག་མིན། དེ་མིན་པ་རྒྱལ་པོས་ཅི་གསུངས་བསྒྲུབས།

ངའི་རྡོག་ཞབས་མེ་དེ་མ་བུས་མིན། དེ་མིན་པ་རྒྱལ་པོའི་ཅི་གསུང་

བསྒྲུབས། དེ་རིང་ཕྱི་ནང་བརྗེ་བའི་བྱ་སྤྱོད་འདི་འདྲ་ལས་ན། ང་ འདན་མ་རང་ལ་མི་འདུག་ཁོ་ཐག་ཡིན།

སེང་ཆེན་རྒྱལ་པོས་ཁྲོ་ཉམས་དང་བཅས་བཤད་པ།

གེ་སར། ‘‘སྟག་དམར་ཡག་སྒོ་ཁྱིར་བསྐོས་བ་འདི། འདྲིས་ཆེ་ན་བདག་པོ་ཟ་

སྙམ་བྱེད། ཕོ་ཤེས་མེད་མཐོ་སར་བཞག་པ་ན། ང་དྲིན་ཆེན་དཔོན་

ལ་ངོ་ཡ་བྱེད། ང་སེང་ཆེན་རྒྱལ་པོས། དངོས་ཡོད་དགྲ་དཔུང་ཆམ་

ལ་ཕབས། དངོས་མེད་བགེག་དཔུང་ཟིལ་གྱིས་མནན། ཁྱོད་འདན་

མའི་དཔའ་རྩལ་འདྲ་བ་མང་པོ་ཡོད། ཡ་དེ་རིང༌། ཧོར་ཤན་པའི་སྲོག་དང་

གེ་སར་སྲོག ཐར་ན་མཉམ་དུ་ཐར་ལེ་བྱེད། གཅིག་རྒྱབ་གཅིག་གི་

གནོན་རྒྱུ་ཡིན། ཁྱོད་སྡུག་ན་ཞལ་ངོ་ནག་ཙམ་གྱིས། གོ་ཨེ་ཐལ་འདན་

མ་སྔོ་སྐྱི་བོ

ཤན་པ། ‘‘—— ཁོ་རེ་འདན་མ་ང་ལ་ཉོན། ཁྱོད་དྲིན་ཆེན་དཔོན་ལ་ཚིག་ལོག་

མ་འཕེན། ཕོ་རྒོད་པོ་ཡིན་ན་ང་ཡི་འགྲམ་ལ་གཅོར།

གླུང་དཔའ་བཟང་ཤན་པ་དམར་པོ་ཡིན།།

དེ་ནས་བློན་ངན་འདན་མས་ཉོན།། ཁྱོད་ཆུ་ཆུང་འུར་སྒྲ་ཆེ་ལེ་དེ།།

ལུང་བ་ཕུ་ཐག་ཐུང་བ་རེད།། བུ་ཆུང་ཚིག་ཤེད་ཆེ་ལེ་དེ།། ཕ་མས་ངན་ལང་བཏང་བ་རེད།།

དཔའ་འདྲ་འདྲ་ཐུག་ན་ཅི་ཡོད་ཤེས།། ཧོར་གླིང་འཁྲུག་པ་གཞེ་ནང་རེད།། ཞེ་སྡང་ལངས་པ་ད་ལོ་རེད།།

བློན་འདན་མ་ཤི་རྒྱུར་མི་འཛེམ་ན།། ང་ཤན་པ་ཤི་རྒྱུར་ཅི་ལ་སྐྲག།

ཕོ་རྒོད་པོ་ཡིན་ན་གདོང་ལ་བུད།། གཏམ་མང་པོ་བཤད་ན་སྡར་མ་ཡིན།།

དེ་བློན་ངན་འདན་མའི་ཞེ་ལ་ཞོགས།

དགྲ་ལྷ་རྩེ་རྒྱལ་སྔོན་ལ་བུད་ནས།

དགྲ་ལྷ་རྩེ་རྒྱལ། ཨ་ཁུུ་སེང་ཆེན་རྒྱལ་པོ་བཞུགས་རོགས་མཛོད། ང་སྲས་ཆུང་

དགྲ་ལྷ་སྙིང་རེ་རྗེ། ཕ་བསད་ཤན་པ་ལག་དམར་དེ། ང་དྭ་ཕྲུག་གི་ཤ་

ལན་ཨེ་ལོན་བལྟ་

གླུང་དང་ང་ངོ་མ་ཤེས་ན།།

ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ཡིན།། ད་ལོ་ཕོ་ལོ་བཅོ་ལྔ་ཡིན།། ངས་ཕ་བསད་ཤ་ལན་ལོན་ངེས་ཞིག།

ལས་དེ་བྱས་རྟིང་མ་མ་ལོན་ན།། གསོན་ན་མི་དགའ་ཤི་ན་དགའ།།

དཔའ་རྒོད་ཤན་པ་དམར་པོ་ཁྱོད།།

ངས་དེ་རིང་ཕྱི་མའི་ཡུལ་ལ་བསྐྱལ།། ཞེས་ཤོར་གྲབ་བྱེད་དུས། གློ་བུར་དུ་འདན་མ་བུད་ནས།

འདན་མ། —— ཉོན་དང་ཤན་པ་ཚེ་ཟད་པོ། མི་ཤི་ཁར་རྣམ་ཤེས་

བྲེལ་འཚུབ་འཚུབ། ཁྱི་ཤི་ཁར་འདུར་རྒྱུགས་ལྷབ་ལྷབ་ལྷབ། ཧོར་ ཤན་པ་ཤི་ཁར་བཤད་རྒྱུ་མང༌། མགོ་ཀླད་པའི་རྒྱ་ཐག་འཐོར་འདོད་རེད།

འགྲན་བསམ་ན་ང་ཡི་གདོང་ལ་བུད།

ཞེས་འདན་མ་དང་དགྲ་ལྷ་རྩེ་རྒྱལ་གཉིས་ཕར་ཤོར། དེ་ནས་ཨ་སྟག་ཀླུ་མོའི་མཚོན་ཤུབ་ནས་སྡེབ་བཞིན་ཤན་པའི་འགྲམ་ལ་འོང་ནས།

ཨ་སྟག་ཀླུ་མོ། གླུགླུ་ཨ་ལ་ལ་མོ་ཨ་ལ་ལེན།

གླུ་ཐ་ལ་ལ་མོ་ཐ་ལ་ལེན།།

ང་དང་ང་ངོ་མ་ཤེས་ན།།

ཤ་ཟ་ལས་ཀྱི་མཁའ་འགྲོ་དེ།།

དཔའ་མོ་ཨ་སྟག་ཀླུ་མོ་ཡིན།།

ཚུར་ཉོན་དང་འདྲ་མ་འདི་འདྲ་ཡོད།།

ང་སྐྱེ་དམན་ནག་མོའི་གྲི་ཁ་ནས།།

འཇིགས་ཆེན་ཤན་པ་ཤི་ངེས་རེད།།

ང་ཨ་སྟག་ཀླུ་མོའི་བསམ་པ་ལ།།

ཧོར་ཤན་པ་གྲི་མགོར་ལེན་བསམ་ཡོད།།

དེ་ཚེ་ཟད་ཤན་པའི་ཞེ་ལ་ཞོགས།།

དེ་ནས་ཤན་པའི་ཧ་ཅང་ཁྲོ་ཉམས་ཀྱིས།

ཤན་པ།

‘‘ཧ་ཧ་ཧ——ཧ་ཧ་ཧ—— ཁྱད་འབྲོང་འདུལ་དམེ་མོ་ངོ་ནག་མ།

དུད་འགྲོ་འབྲོང་ལ་འགྲོ་འགྲོ་དེ། བུ་ཤན་པ་ང་ལ་འགྲོ་བ་མིན།

ཁྱོད་ཁྲེལ་མེད་ཡུགས་ས་མགོ་འཕང་མཐོ། ཀླད་མེད་རྒན་མོ་རང་

སྣང་ཆེ། ང་ཤན་པའི་གདོང་ལ་མ་ཡོང་ན། ཁྱོད་གྲོང་འདབས་ཟུག་

པའི་ཁྱི་མོ་ཡིན།

སྐབས་དེར་སེང་སྟག་ཨ་དོམ་བར་ལ་བུད་ནས།

སེང་སྟག། ‘‘དེ་མ་བྱེད་ཐམས་ཅད་རང་ཚོད་ཟུང༌། གླིང་ནང་འཁྲུག་བྱུང་

ན་ཡག་རྒྱུ་མེད། གོང་རྒྱལ་པོའི་བཀའ་ལ་ཉན་ན་བཟང༌། བློན་འདན་

མ་ལོངས་སྤྱོད་འཛོམས་པ་དེ། དཔོན་སེང་ཆེན་རྒྱལ་པོའི་བཀའ་དྲིན་

རེད། བློན་འདན་མའི་དཔའ་རྩལ་ཆེ་ན་ཡང༌། གླིང་རྒྱལ་པོ་ཁ་དྲིན་

བརྩི་དོན་མེད། དེ་མ་བྱེད་ཐམས་ཅད་འགྲོ་བའི་དོན། བློན་འདན་

མ་ཁ་རོགས་བཞུགས་རོགས་མཛོད།

འདན་མ། ‘‘——གཙོ་བོ་སེང་ཆེན་རྒྱལ་པོས་ཉོན། ཡང་སྒོས་སེང་སྟག་

ཨ་དོམ་ཉོན། དེ་ནས་ཚོ་ཆེན་ལྷ་སྡེས་ཉོན། ང་འདན་མ་ད་ལྟ་

ཀུན་གྱིས་མིག་ནང་གི་ལོང་དོག་རེད། དགྲ་ཤན་པ་གླིང་པའི་ནང་

བློན་བསྐོས། ང་དྲིན་ཆེན་བློན་རྒན་དགྲ་རུ་བཟུང༌། འོ་ན——

ཁྱེད་ཚོ་གླིང་ཡུལ་ལ་སྡོད་དང༌། ང་ཚ་ཞང་འདན་མ་རང་ཡུལ་འགྲོ

ང་གླིང་ནས་མི་འདུག་ཁོ་ཐག་ཡིན།

ཞེས་འདན་མ་འགྲོ་སྐབས་སྤྱི་དཔོན་སོགས་གྱི་འདན་མ་ཟེར་བཞིན་རྗེས་ནས་རྒྱུགས་པ་དང་

ཤུལ་དུ་ལུས་པ་དག་གི་མྱ་ངན་མཛད། སྐབས་འདིར་སྐྱོ་དབྱངས་ཞིག་དང་སྡེབ་ནས་གློག་

འོད་ཟུམ།

——འཁྲབ་ཡོལ་འཐེན།

ཀློག་གྲངས།:[169]

ཀློག་གྲངས།:[4007]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com