
སྔོན་ཚེ་གླིང་རྗེ་གེ་སར་རྒྱལ་བློན་གྱིས་རྨ་ཡུལ་ས་བཟུང་གི་དུས་རྨ་སྨད་གཡུ་ལུང་སུམ་མདོའི་ཕྱོགས་སུ་གྲགས་པའི་ཉེ་གམ།
སྙིགས་དུས་བསྟན་པའི་གསལ་བྱེད། རིས་མེད་གྲུབ་མཐའ་ཡོངས་ཀྱི་སྐྱབས་མགོན། ༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེའི་ཐུགས་སྒྲིབ་བྲལ་ཡེ་ཤེས་ཆེན་པོས་སྤྲུལ་བའི་ཕོ་བྲང་སེང་འབྲུག་སྟག་རྩེའི་གནས་ཤུལ་འཁྲུལ་བྲལ་དུ་གཟིགས་པ།
ས་སྤྱོད་སྤྲུལ་བའི་གནས་མཆོག་སྐུ་མཁར་སེང་འབྲུག་སྟག་རྩེའི་གནས་ཀྱི་སློབ་གླིང་དུ། གླིང་སྤྲུལ་ཀུན་བཟང་རྒྱལ་མཚན་མཆོག་གི་ཐུགས་བཀོད་བཞིན། སེང་འབྲུག་སྟག་རྩེའི་གླིང་གེ་སར་ཞིབ་འཇུག་སྡེ་ཁག་གི་ལས་གཞིའི་གྲ་སྒྲིག་ན་ཆུང་སློབ་མའི་དཔུང་ཁག་གིས་སྤྱི་ཟླ་འདིའི་ཚེས་བརྒྱད། རེས་གཟའ་པ་སངས་དཀར་པོས་ཡོངས་སུ་བདག་པའི་དུས་བཟང་གི་ཉིན་མོར། དཀར་པོ་གླིང་གི་ལྷ་འཆམ་ལས་འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་པ་གཙོ་བོར་བརྗོད་པའི་རྣམ་ཐར་གྱི་ཆ་ཤས་དྲག་པོའི་ལེའུ་དང་། ཀུན་མཁྱེན་བླ་མ་རིན་པོ་ཆེ་མི་ཕམ་རྣམ་པར་རྒྱལ་བའི་སྡེའི་ལུགས་བཟང་། གླིང་བྲོ་བདེ་ཆེན་རོལ་མོའི་བྲོ་གར་གཉིས་གསར་དུ་དབུ་བརྙེས་པར།
གླིང་གེ་སར་རིག་གནས་དྲ་བས་ཆེད་དུ་རྟེན་འབྲེལ་ཞུ་བཞིན་ཡོད།
