སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་གེ་སར་གྱི་སྒྲུང་རྟ་རྙིང་བའི་འགྲན་ཚོགས།

 

༈ གླིང་རྗེ་གེ་སར་འཕྲིན་ལས་ཐོགས་པ་མེད། །
བློན་ཆེན་འདན་མའི་དཔའ་རྩལ་ཐོགས་པ་མེད། །
ནེའུ་ཆུང་ལྷ་མོའི་བདེན་ཚིག་ཐོགས་པ་མེད། །
ཐོགས་པ་མེད་པ་གསུམ་གྱིས་དགེ་ལེགས་སྩོལ། །

ད་ཐེངས་ན་གཞོན་ལྷག་བསམ་ཅན་གླིང་མུན་སེལ་ལགས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་གཉེར་བའི་༼གེ་སར་ཞིབ་འཇུག། ༽ ཅེས་པའི་འཕྲིན་ཚོགས་ནས་གཙོ་སྒྲུབ་མཛད་པའི་སྐབས་དང་པོའི་གླིང་གེ་སར་གྱི་སྒྲུང་རྟ་རྙིང་བའི་འགྲན་བསྡུར་རྒྱལ་ཁའི་ངང་༢༠༡༦ ལོའི་ཟླ༤པའི་ཚེས༡༥ཉིན་བདེ་ལེགས་ངང་མཇུག་གྲུབ།


འགྲན་ཚོགས་འདིར་གཙོ་སྒྲུབ་པ་མི། ༣

སྤྱི་ཁྱབ་གྲོས་བསྡུར་བྱེད་མཁན་མི། ༡༥ 
འགྲན་ཞུགས་པ། བོད་མདོ་ཁམས་གཉིས་དང་། དཔལ་ལྡན་འབྲུག་ཡུལ་ནས་ཕེབས་པའི་སྒྲུང་བ། སྒྲུང་མ་མི་གྲངས་ ༥༣ 

མདོ་འཛིན་པ་མི། ༣
དཔྱད་འདེམས་པ་མི། ༡༠


སྐབས་འདིའི་འགྲན་ཞུགས་ཁྲོད་གླིང་གེ་སར་སྒྲུང་གི་དབྱངས་རྟ་རྙིང་བའི་གཟེངས་རྟགས་ཐོབ་རིམ་ནི། 
 ཨང་དང་པོ། 
ལྷོ་འབྲུག་པདྨ་ཆོས་སྒྲོན།
ཐོབ་སྐར། 
 9.977.7


ཨང་གཉིས་པ།
དུར་བཟའ་ཚེ་སྒྲོན།
ཐོབ་སྐར། 9.977.6


 ཨང་གསུམ་པ།
࿅མགར་བཟའ།࿄ 
ཐོབ་སྐར། 9.977.5

ཨང་གསུམ་པ།
ས་མཐའི་བུ་མོ། 

ཐོབ་སྐར 9.977.2


ཨང་བཞི་བ།
བཞོ་དབྱངས།

ཐོབ་སྐར། 9.976.4

ཨང་བཞི་བ།

ལྷ་བུ་ལེགས་པ། 
ཐོབ་སྐར། 9.976.0


ཨང་ལྔ་བ།
རོང་ཚ་དུང་ཟླ།
 ཐོབ་སྐར།  9.975.7
ཨཱ࿐འབར་མོ།
 ཐོབ་སྐར།  9.974.8


ཨང་དྲུག་པ། 
གླིང་དཀར་ཕོ་ཉ། 
ཐོབ་སྐར། 9.974.4

ཨོྃ་སྭ་སྟི། 
ཐོབ་སྐར། 9.974.4

སྣང་གསལ་སྒྲོན་མེ།
ཐོབ་སྐར། 9.974.4
དཔྱོད་ཤེས་བྷོ་ཊ།
ཐོབ་སྐར། 9.973.9

ཁྲོ་རྒྱལ་དཔོན་པོ།
ཐོབ་སྐར། 9.973.9


 ༈ སེང་ལྕམ་འབྲུག་མོའི་མཚན་དཔེ་ངོ་མཚར་ཆེ། །
ནེའུ་ཆུང་ལྷ་མོའི་མཛད་འཕྲིན་ངོ་མཚར་ཆེ། །
སྟོང་ཉིད་མགར་བཟའི་དགོངས་སྤྱོད་ངོ་མཚར་ཆེ། །
ངོ་མཚར་ཆེ་བ་གསུམ་པོ་ཉམས་མེད་ཤོག །


མཛད་པ་འཕྲིན་ལས་ཀྱིས་གངས་ལྗོངས་མཛེས་པར་བྱས། །
མཚན་དང་སྙན་གྲགས་ཀྱིས་གོ་ལ་ཁྱབ་པར་བྱས། ། 
ཟླ་མེད་རྣམ་ཐར་གྱིས་འཛམ་གླིང་འགུལ་བར་བྱས། །
ཨ་ལ་ཐ་ལ་ཡིས་སྣང་སེམས་སྤྲོ་བར་བྱས། །

བཀྲ་ཤིས།

 





ཀློག་གྲངས།:[2158]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com