གེ་སར་རྒྱལ་པོའི་འཁྲུངས་ལོ།
གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་མཆོག་ནི། བོད་ཀྱི་རབ་བྱུང་དང་པོའི་བགྲང་བྱ་བཅུ་གཉིས་པ་ས་ཕོ་སྟག། སྤྱི་ལོ ༡༠༣༨ ལ་འཁྲུངས་པ་ཡིན་ཚུལ། གླིང་ཚང་རྒྱལ་རབས་ཆེན་མོ་དང་། བདུད་འཇོམས་ཆོས་འབྱུང་། བོད་ཀྱི་ཚིག་གཏེར་ཆེན་མོ། རྒྱལ་སྤྱིའི་སྐད་མཛོད་ཀྱི་གྲས་སུ་སྙེག་བཞིན་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་སོགས་དང་། གཞན་ལི་ཐོ་ཚད་མཐོན་དང་ལྷག་པར་དུ་གླིང་གེ་སར་ཞིབ་འཇུག་དཔྱད་བརྗོད་པ་ཕལ་མོ་ཆེའི་དགོངས་བཞེད་གཅིག་མཐུན་ནོ། །